ཉིན་གྲངས་གཅིག་གི་རིང་ལུ་ རྒེད་འོག་ལོ་བསྟར་གནང་བྱིན་གི་ལམ་སྟོན་སྐོར་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ།

01 སྤྱི་ཟླ་༧ པ། 2019

མི་རྗེ་དངུལ་རྩིས་བློན་པོ་གིས་དབུ་བཞུགས་ཐོག་ལས་ རྒྱལ་ཡོངས་འཆར་དངུལ་ལས་ཁུངས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ གཞན་འབྲེལ་ཡོད་ལྷན་ཁག་དང་ ལས་ཁུངས་ཚུ་གིས་ ཉིན་གྲངས་གཅིག་གི་རིང་ལུ་ རྒེད་འོག་ལོ་བསྟར་གནང་བྱིན་གི་ལམ་སྟོན་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཅིག་ ས་གནས་ཕུན་ཚོགས་གླིང་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན། འདིའི་སྐབས་ལུ་ བསམ་རྩེ་ ཆུ་ཁ་དང་ ཧཱ་རྫོང་ཁག་གི་ རྒཔོ་ རྒེད་འོག་བདག་སྐྱོང་འགོ་དཔོན་ འཆར་གཞི་འགོ་དཔོན་དང་ དངུལ་རྩིས་འགོ་དཔོན་ཚུ་གིས་བཅའ་མ་གཏོགས་གནང་ཡི།