ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ།

ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་བྱུང་རབས།

ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་འདི་ གེ་ར་གིས་རང་གི་ཁྱིམ་བཟུམ་མནོ་བསམ་བཏང་ཞིནམ་ལས་ ཉིན་བསྟར་འབད་དགོ་པའི་ལཱ་ཚུ་སྤྲོ་བ་དང་དཔའ་ཉམས་ཀྱི་སྒོ་ལས་འབད་ནི།

ང་བཅས་ཀྱི་ མཐོ་རིམ་སློབ་གྲྭའི་ཉམས་མྱོང་ཚུ་ གེ་ར་ཤེས་ཡོན་སྦེ་བཟོ་ནི་ལུ་ཡིད་ཆེས་སྐྱེདཔ་ཨིན།

གཞི་རྩའི་ལམ་སྟོན། ཐ་དམ་ཚིག་དང་ལས་རྒྱུ་འབྲས་བསྟེན་ཤེསཔ། བཟང་སྤྱོད་དང་ལྡན་པའི་ཤེས་ཡོན་ཅན་དང་འགན་ཁུར་འབག་ཤེས་པའི་་མི་སེར་ཅིག་སྦེ་བཟོ་ནི།

འཆར་སྣང་།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀུན་སྤྱོད་རྣམ་གཞག་དང་ལྡན་པའི་ མཆོག་གྱུར་ཚན་རིག་དང་འཕྲུལ་རིག་ལྟེ་བ།

དམིགས་སྐྱེད།

  • རྒྱལ་སྤྱིའི་ནང་ངོས་ལེན་ཡོད་པའི་ ཚན་རིག་དང་འཕྲུལ་རིག་གི་ལས་རིམ་ཚུ་བྱིན་ནི།

  • མི་སྡེའི་དགོས་མཁོ་འགྲུབ་ནིའི་དོན་ལུ་ ཞིབ་འཚོལ་དང་གསར་གཏོད་ཐོག་ལས་ རིག་པ་དང་ཤེས་ཡོན་གསརཔ་བཏོན་ནི།

  • འབྲེལ་ཡོད་ལས་སྡེ་དང་གཅིག་ཁར་མཉམ་འབྲེལ་ཐོག་ མཁས་མཆོག་གི་ཞབས་ཏོག་བྱིན་ནི།

  • རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཡར་འཕར་གཏང་ནི་ལུ་ མི་སྡེའི་ཞབས་ཏོག་ཕུལ་ནི།

 

འཆར་སྣང་དང་དམིགས་གཏད་འགྲུབ་ནི་ལུ་ ལྕོགས་འགྲུབ་ཅན་གྱི་མི་སྟོབས་དང་གཅིག་ཁར་ དེང་སང་དང་རང་བཞིན་ལྡན་པའི་རྟེན་གཞི་བཟོ་ནི། 

  • སྤུས་ཚད
  • འཕྲོ་མཐུད་ཤེས་ཡོན།

  •  དྲང་སྤྱོད།

  • སྡེ་གཡོག།

  • ཚོང་ལཱ་གནས་སྐབས

  • རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ཚུ་འགྲུབ་ནི་ལུ་བརྩོན་ཤུགས་བསྐྱེདཔ་ཨིན།

ཚན་རིག་དང་འཕྲུལ་རིག་གི་སློབ་གྲྭ་ འཇིགས་མེད་རྣམ་རྒྱལ་འཕྲུལ་བཟོའི་མཐོ་རིམ་སློབ་གྲྭ་འདི་ གནམ་ལོ་༡༩༧༢ ལུ་ ཤར་ཕྱོགས་རྫོག་ཁག་ བསམ་གྲུབ་ལྗོངས་མཁར་ལུ་གཞི་བཙུགས་འབད་ཡོདཔ་ཨིན།

མཐོ་རིམ་སློབ་གྲྭའི་ལས་རིམ་གྱི་ལཱ་ཚུ་ མི་དབང་འབྲུག་རྒྱལ་བཞི་པ་གིས་ སྤྱི་ལོ་༡༩༩༨ ལུ་གཟིགས་སྐོར་ནང་བྱོན་པའི་སྐབས་གཙུག་ལག་འོག་མའི་ཤེས་ཚད་ལག་ཁྱེར་ལས་ མཐོ་རིམ་སློབ་གྲྭ་ཡར་སེང་འབད་དགོ་པའི་བཀའ་རྒྱ་གནང་ཡོདཔ་ཨིན། ཨིན་ཏེ་ར་འབད་རུང་ གཉེན་སྲུང་གི་གནད་ལས་བརྟེན་ རྒྱལ་འཛིན་འཕྲུལ་བཟོ་འདི་ རིན་ཆེན་ལྡིང་ས་ཁོངས་ནང་གནམ་ལོ་༢༠༠༠་ལུ་སྤོ་ཡོདཔ་ཨིན། འགོ་བཙུགསཔ་ད་ལུ་ རྒྱུ་དངོས་ཚུ་རྒྱལ་འཛིན་འཕྲུལ་བཟོ་སློབ་སྡེ་དང་གཅིག་ཁར་བགོ་སྟེ་འདུག། འཕྲུལ་རིག་མཐོ་རིམ་ཤེས་ཚད་ཀྱི་ལས་རིམ་ ལྷན་རྒྱས་གཞུང་གིས་གནམ་ལོ་༢༠༠༡ ལུ་གནང་བ་གྲུབ་ཞིནམ་ལས་ ཐེངས་དང་པ་འདི་ ཨ་ལོ་༡༥ ལུ་བཟོ་རིག་ དང་།  ཨ་ལུ་༡༠ ལུ་གློག་མེ་བཟོ་རིག་ཡང་སྤྱི་ལོ་༢༠༠༡ ལུ་ཐོ་བཀོད་འབད་དེ་སྤྱི་ཚེས་༢༠༠༡/༨/༢༦་ ལུ་སློབ་སྟོན་ངོ་མ་འདི་འགོ་བཙུགས་ཡོདཔ་ཨིན། 

ལོ་ཤུལ་མ་ རྒྱལ་འཛིན་བཟོ་རིགས་སློབ་སྡེ་འདི་གཞུང་གིས་ས་གནས་ ཁུ་རུ་ཐང་ བསམ་ཐང་དང་རང་འབྱུང་ལུ་ ལག་རྩལ་སྦྱོང་བརྡར་གྱི་སློབ་སྡེ་དང་བཟོ་སྐྲུན་སྦྱོང་བརྡར་ལྟེ་བ་སྦེ་ཐིམ་ཕུག་ལུ་སྤོ་ཡོདཔ་ཨིན།

མཐོ་རིམ་སློབ་གྲྭ་འདི་གནམ་ལོ་༢༠༠༡ ལུ་རྒྱལ་གཞུང་བཟོ་རིགས་སློབ་གྲྭ་ཟེར་མིང་བཏགས་གནང་ནུག། དེ་བསྒང་ མཐོ་རིམ་སློབ་གྲྭ་གིས་གཙུག་ལག་འོག་མའི་ཤེས་ཚད་ལག་ཁྱེར་བཟོ་རིགས་ གློག་མེ་དང་ འཕྲུལ་ཆས་ནང་ཕུལ་ནུག། དེ་བཟུམ་སྦེ་ ལོ་བཞི་མཐོ་རིམ་ཤེས་ཚད་ཡང་ བཟོ་རིགས་དང་གློག་རིགས་ནང་བྱིན་ནུག། མཐོ་རིམ་ཤེས་ཚད་ཀྱི་ལས་རིམ་འདི་ སྤྱི་ཚེས་༢༠༠༢/༠༢/༢༢ ལུ་མི་རྗེ་བློན་པོ་ དེ་བསྒང་གི་བློན་ཆེན་ མཁའ་འགྲོ་དབང་ཕྱུག་གིས་སྒོ་འབྱེད་གནང་ནུག།

སྤྱི་ཚེས་༢༠༠༣/༠༦/༠༢ རྒྱལ་འཛིན་གཙུག་ལག་སློབ་སྡེ་འགོ་བཙུགས་ཞིནམ་ལས་ཚུར་ མཐོ་རིམ་སློབ་གྲྭ་འདི་རྒྱལ་འཛིན་གཙུག་ལག་སློབ་སྡེའི་འོག་གི་མཐོ་རིམ་སློབ་གྲྭ་ལུ་འགྱུར་གནང་ནུག། འ་ནེམ་ཚུན་ཚོད་ མཐོ་རིམ་སློབ་གྲྭ་འདི་ རང་དབང་ཅན་གྱི་གཙུག་སྡེ་ཟེར་རྒྱལ་འཛིན་བཟོ་རིགས་འདི་ སྦྱོང་བརྡར་དབང་འཛིན་འོག་ལུ་སྡོད་ནུག། སྤྱི་ལོ་༢༠༠༥ རྒྱལ་གཞུང་བཟོ་རིགས་འདི་ལོག་སྟེ་ར་ཧེ་མའི་ས་སྒོ་ནང་སྤོ་ནུག།

གནམ་ལོ་ ༢༠༠༦ ལུ་མཐོ་རིམ་སློབ་གྲྭ་འདི་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ཟེར་མིང་བཏགས་ཏེ་ གནས་མཚམས་རྒྱ་སྐྱེད་གནང་སྟེ་ མཐོ་རིམ་ཤེས་ཚད་ལས་རིམ་ཁག་མ་འདྲཝ་གཞི་བཙུགས་འབད་ནུག། ད་རིས་ སླར་འབྱུང་ནུས་ཤུགས་ཀྱི་མཐོ་རིམ་གོང་མའི་ཤེས་ཚད་དང་བཟོ་སྐྲུན་འཛིན་སྐྱོང་མཐོ་རིམ་གོང་མའི་ཤེས་ཚད། མཐོ་རིམ་འོག་མའི་ཤེས་ཚད་༧ དེ་ཡང་ ཞི་བའི་བཟོ་རིག་ གློག་རིག་ གློག་རྫས་དང་བརྒྱུད་འབྲེལ་ བཟོ་བཀོད། ས་ཁམས་དང་ཚད་འཇལ་ཚུ་ལུ་ཕུལཝ་ཨིན། མ་འོངས་པའི་ནང་ མཐོ་རིམ་གོང་མ་དང་མཁས་དབང་གི་ལས་རིམ་བཙུགས་ནིའི་འཆར་གཞི་ཚུ་ཡོད།

ཡོངས་འབྲེལ་འཆར་སྒོ།ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ།