འགྲོ་འགྲུལ་བཀག་དམ་གྱི་གསལ་བསྒྲགས


ཆུ་ཁ་རྫོང་ཁག་ཀོ་བིཊ-༡༩ ལས་བྱེད་ཚོགས་ཆུང་གི་ཁ་ཐུག་ལས་མི་དམང་ཡོངས་ལུ་གསལ་བསྒྲགས་འབད་མི་ནང་ ཚོགས་ཆུང་གི་ཁ་ཐུག་ལས་ འགྲོ་འགྲུལ་བཀག་དམ་འདི་ཡང་ ད་རིས་ཉི་མ་ཆུ་ཚོད་ ༢:༠༠ ལས་ལག་ལན་འཐབ་ནི་དང་ ས་གནས་ས་ཁོངས་ཀྱི་ཐད་ཁར་ནངས་པ་དྲོ་པ་ཆུ་ཚོད་ ༨ ལས་ལག་ལེན་འཐབ་ནི་དང་ཅི་ཁར་ འདི་བཟུམ་མའི་ལས་རིམ་སྒོ་བཙུགསཔ་ད་ མི་སེར་ཚུ་འཇིགས་སྣང་བསྐྱེད་ནི་དང་ རྣམ་རྟོག་ལང་ནི་མི་འོང་ཟེར་ཞུ་ནི་ཨིན།

ང་བཅས་ཚོགས་ཆུང་གི་ཁ་ཐུག་ལས་ མི་སེར་ལུ་དགོས་མཁོ་ཆེ་འི་ཟ་འཐུང་གི་རིགས་དང་ གསོ་བའི་འཕྲོད་བསྟེན་གྱི་རྒྱབ་སྐྱོར་ དེ་ལས་ གཞན་ག་ཅི་གི་ཐད་ལས་འབད་རུང་ ཞབས་ཏོགས་ཚུ་བརྟན་ཏོག་ཏོ་འབད་བྱིན་ཚུགས་རེ་སྨོན་དང་ཅི་ཁར་ ཁྱེད་མི་སེར་ཚུ་གིས་འབད་རུང་ རང་སའི་ཁྱིམ་ནང་སྡོད་བཞིནམ་ལས་ ང་བཅས་ལུ་རྒྱབ་སྐྱོར་དང་རོགས་རམ་གང་དྲག་ད་ལྟོ་ཚུན་ཚོད་ཡང་འབད་དང་འབད་བཞིན་དུ་ཡོདཔ་ལས་ ད་ལས་ཕར་འབད་རུང་ འཕྲོ་མཐུད་དེ་རང་འབད་གནང་ཟེར་ཞུ་ནི་ཨིན།

 

Attachment Size
Notification_0.pdf 285.4 KB