མི་དབང་འབྲུག་རྒྱལ་བཞི་པ་གི་འཁྲུངས་སྟོན།

11 སྤྱི་ཟླ་༡༡ པ། 2019

ཆུ་ཁ་རྫོང་ཁག་བདག་སྐྱོང་གི་   མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ དགུང་ལོ་༦༤ བཞེས་པའི་འཁྲུངས་སྟོན་གྱི་ཉིནམ་ལུ་བཀྲིས་ལེགས་སྨོན་ཕུལཝ་ཨིན།

ཉིནམ་འདི་ཁར་རབ་སྡེ་ དང་ཆུ་ཁ་རྫོང་ཁག་བདག་སྐྱོང་ནང་ཕྱག་ལཱ་གནང་མི་ཚུ་གིས་ཞབས་བརྟན་ དང་དཀར་མེད་སྟོང་མཆོད་ཕུལ་ཡི།