ཆུ་ཁ་གློག་མེ་ལས་འཛིན་ མི་རྗེ་བློན་པོ་མཁའ་འགྲོ་དབང་ཕྱུག་མཆོག་གིས་ གཟའ་སྐར་དགེ་བའི་འཕྲོད་སྦྱོར་ དང་བསྟུན་ རང་ལུགས་གནམ་ལོ་ལྕགས་ཕོ་འབྲུག་ལོ་ཟླ་༨ པའི་ཚེས་༡༥ ལུ་ ཟངས་མདོག་དཔལ་རི་གསར་བཞེངས་ཀྱི་ རྨང་རྡོ་བཙུགས་ གནང་བ་དགེ།
སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སྐུ་ཕྲེང་གསུམ་པ་ ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེ་ དབུ་བཞུགས་ཀྱིས་ ཟངས་མདོག་དཔལ་རིའི་ བཀྲིས་མངའ་གསོལ་གྱི་ རབ་གནས་རང་ལུགས་གནམ་ལོ་ ཤིང་སྤེལ་ཟླ་ ༡༠པའི་ཚེས་༡༣་ལས་ཚེས་༡༥ ཚུན་གནང་ཡོད་ཅིང་ རབ་གནས་མཇུག་བསྡུའི་ཉིན་ཚེས་༡༥་ལས་ མི་དབང་རྒྱལ་བཙུན་ ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་ ཨ་ཞེ་ཚེ་རིང་པདྨོ་དབང་ཕྱུག་ ཨ་ཞེ་ཚེ་རིང་དབྱངས་སྒྲོན་དབང་ཕྱུག་ རྣམ་གསུམ་ཡང་ཐུགས་སྨོན་གནང་པར་ བྱོན་ཡོད་པ་དགེ།