11 སྤྱི་ཟླ་༡༢ པ། 2018
༉ ཆུ་ཁ་རྫོང་ཁག་ན་ལུ་ ཞི་གཡོགཔ་༧༢ གིས་ ཞི་གཡོག་གི་རྟགས་མ་དང་ ལག་འཁྱེར་ཐོབ་ཡོདཔ་ཨིན། ཞི་གཡོག་གི་རྟགས་མ་ དེ་ཡང་ ཞི་གཡོག་ན་ལུ་འཛུལ་བཞུགས་འབད་བའི་ཤུལ་ལུ་ ལྷག་བསམ་རྣམ་དག་གི་འགོ་ལས་ རྩ་བ་གསུམ་ལུ་ཕྱག་ཕྱིད་ཏེ་ ལོ་ངོ་༡༠ དེ་བཟུམ་སྦེ་ ལོ་ངོ་༢༠ ཡང་ན་ ལོ་ངོ་ ༣༠ འགྱོ་མི་ལུ་གནང་དོ་ཡོདཔ་ཨིན། མཛད་སྒོའི་རྟེན་འབྲེལ་དང་ རྟགས་མ་དང་ ལག་འཁྱེར་གྱི་ལས་རིམ་ན་ལུ་ གྲྭ་ཚང་གི་བླམ་གནས་བརྟན་མཆོག་དང་ དྲགོས་རྫོང་བདག་ དྲགོས་རྫོང་རབ་དང་ དེ་བཟུམ་སྦེ་ རྫོང་ཁག་གི་སྡེ་ཚན་ཁག་གི་འགོད་པོན་ཚུ་གིས་བཅའ་མ་གཏོགས་གནང་ཡི།