ས་གནས་གཞུང་གཉིས་པའི་རྫོང་ཁག་ཚོགས་འདུ་ཚོགས་ཐེངས་དྲུག་པ།

15 August 2019

༉ རང་ལུགས་གནམ་ལོ་ ས་མོ་ཕག་ལོ་ དབྱིན་ལོ་༢༠༡༩ དབྱིན་ཟླ་༠༨ པའི་དབྱིན་ཚེས་༡༣ དང་༡༤ ཉིན་གྲངས་གཉིས་ཀྱི་རིང་ལུ་ ས་གནས་གཞུང་གཉིས་པའི་ རྫོང་ཁག་ཚོགས་འདུ་ཚོགས་ཐེངས་དྲུག་པ་འདི་ ཚོགས་གནང་ཡི། ས་གནས་གཞུང་གཉིས་པའི་ རྫོང་ཁག་ཚོགས་འདུ་ཚོགས་ཐེངས་དྲུག་པ་འདི་ཉིད་ རང་ལུགས་བཞུགས་གྲལ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱི་འགོ་ལས་ འགོ་བཙུགས་གནང་ཡོདཔ་མ་ཚད་ འདིའི་སྐབས་ལུ་ ཆུ་ཁ་དངོས་གྲུབ་རྩེ་གྲྭ་ཚང་གི་ བླམ་གནས་བརྟན་མཆོག་གིས་དབུ་གཙོས་པའི་ སྐུ་མགྲོན་ལྟ་རྟོག་པ་ དྲགོས་རྫོང་བདག་ དྲགོས་དྲང་དཔོན་ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུའི་ ཆེད་བསྟོད་ཅན་གྱི་འཐུས་མི་ དྲགོས་རྫོང་རབ་ དྲགོས་དྲུང་པ་ དེ་བཟུམ་སྦེ་ ལུང་ཕྱོགས་དང་ལས་ཁུངས་ཁག་གི་འགོ་དཔོན་ཚུ་གིས་བཅའ་མ་གཏོགས་གནང་ཡི། རྫོང་ཁག་ཚོགས་འདུའི་སྐབས་ལུ་ འཆར་ལོ་༢༠༡༩-༢༠ ལོའི་འཆར་དངུལ་ལག་ལེན་འཐབ་ཆོག་པའི་གནང་བ་གནང་ཡོདཔ་མ་ཚད་ རྫོང་ཁག་གོང་འཕེལ་གནང་བྱིན་གྱི་འཆར་དངུལ་གོ་བཀྲམ་དང་ གཞན་ཡང་ རྒེད་འོག་ཚོགས་སྡེ་ལས་ཕུལ་བའི་ མི་སེར་དང་རྒྱལ་ཁམས་ལུ་ཕན་རླབས་ཅན་གྱི་ གྲོས་གཞི་མང་རབ་ཅིག་གུར་གསུངས་གྲོས་ཚུ་གནང་ཏེ་ གྲོས་ཆོད་བཏོན་ཡོདཔ་ཨིན། ཉིན་གྲངས་གཉིས་ཀྱི་ རྫོང་ཁག་ཚོགས་འདུ་འདི་མཐར་འཁྱོལ་ཅན་ཅིག་སྦེ་འགོ་འདྲེན་འཐབ་ཏེ་ཡོད། 

dasho with gups