༉ སྤྱི་ཚེས་༠༣/༠༧/༣༠༡༨ ལུ་ མི་རྗེ་ནང་སྲིད་བློན་པོ་མཆོག་གིས་ ཆུ་ཁ་རྫོང་ཁག་གི་ རྒེད་འོག་༡༡ ལུ་ ༼ཀུ་བོ་ཀྲ༽ འཕྲུལ་གླང་༢༠ དང་ འཕྲུལ་གླང་ཆུང་བ་ ༠༩ བརྩི་སྤྲོད་ལེན་མཛད་གནང་ཡི། བརྩི་སྤྲོད་ལེན་གྱི་ལས་རིམ་གྱི་སྐབས་ལུ་ ཆུ་ཁ་རྫོང་ཁག་གི་ བླམ་གནས་བརྟན་མཆོག་གི་དབུ་གཙོས་པའི་ དྲགོས་རྫོང་བདག་ དྲགོས་རྫོང་རབ་ ལུང་ཕྱོགས་དང་ ལས་ཁུངས་ཁག་གི་འགོ་དཔོན་ དེ་བཟུམ་སྦེ་ རྒེད་འོག་བཅུ་གཅིག་གི་ ས་གནས་གཞུང་གི་རྒཔོ་དང་དམངས་མི་ཚུ་གིས་ཡང་བཅའ་མ་གཏོགས་གནང་ཡི། ད་ལྟོ་ གནང་མི་འཕྲུལ་གླང་༢༩ ཡོད་མི་འདི་ ཧེ་མ་ རྩིས་ལོ་༢༠༡༥-༡༦ ལོ་ལུ་གནང་མི་ལུ་ འཕྲུལ་གླིང་༡༡ གི་ཁ་སྐོང་སྦེ་ཨིནམ་དང་ དེ་གིས་ རྒེད་འོག་གི་མི་སེར་ སོ་ནམ་ཞིང་ལཱ་ཚུ་བརྩོན་ཤུགས་བསྐྱེད་མི་ཚུ་ལུ་ ཕན་ཐོག་སྦོམ་རང་འབྱུང་ནི་ཨིན་མས།
ཆུ་ཁ་རྫོང་ཁག་གི་མི་སེར་ཚུ་གིས་ འབྲུག་གཞུང་དང་ ཇཱ་པཱན་གཞུང་ལུ་ ཕན་ཐོག་ཅན་གྱི་ འཕྲུལ་གླང་ དེ་བཟུམ་གྱི་གྲོགས་རམ་གནང་མི་ལུ་ བཀྲིན་དགའ་ཚོར་སྦོམ་ཡོདཔ་ཨིན།
ཆུ་ཁ་རྫོང་ཁག་གི་རྒེད་འོག་ཁག་ལས་བཀྲམ་སྤེལ་འབད་དེ་ཡོད་པའི་འཕྲུལ་གླང་གི་ཐོ།
Sl. No. | Gewog | Siam Kubota power tiller | Mini power tiller |
1 | Bjabcho | 2 | 1 |
2 | Chapcha | 3 | 1 |
3 | Darla | 3 | 1 |
4 | Logchina | 1 | 1 |
5 | Phuentsholing | 0 | 1 |
6 | Metakha | 4 | 0 |
7 | Gelling | 0 | 1 |
8 | Getana | 0 | 1 |
9 | Dungna | 4 | 0 |
10 | Samphelling | 1 | 1 |
11 | Bongo | 2 | 1 |