དངུལ་རྩིས་སྡེ་ཚན།

དངུལ་རྩིས་སྡེ་ཚན།

འཆར་སྣང - སྤྱིར་བཏང་གི་གནས་རིམ་ནང་ལུ་དངུལ་རྩིས་བྱ་རིམ་རྩ་བརྟན་བཟོ་ནི།

དམིགས་སྐྱེད - མི་དམངས་མཐུན་རྐྱེན་ཚུ་ འཇོན་ཐང་ཅན་དང་འགན་འཁྲི་ཅན། དེ་ལས་དྭངས་གསལ་གྱི་སྒོ་ལས་འཛིན་སྐྱོང་འབད་ནི་ལུ་ ངེས་བརྟན་བཟོ་ནི་དང་། དཔལ་འབྱོར་དང་འབྲེལ་བ་ཡོད་པའི་ལས་སྡེ་ཚུ་ལུ་ ཕན་པའི་འགྱུར་བ་བཟོ་ནི།

སྤྱི་ལོ་ ༡༩༨༧ ལུ་ ཆུ་ཁ་རྫོང་ཁག་བདག་སྐྱོང་གཞི་བཙུགས་པའི་བསྒང་ལས་ར་ མི་དམངས་ལུ་ཕན་ནིའི་དོན་ལུ་ མ་དངུལ་ཚུ་ འཇོན་ཐང་ཅན་དང་ དོན་སྨིན་ཅན་ཅིག་སྦེ་ལག་ལེན་འཐབ་ནིའི་དོན་ལུ་ དངུལ་རྩིས་ལས་ཚན་ཡང་གཞི་བཙུགས་འབད་ཡོདཔ་ཨིན། དངུལ་རྩིས་ལས་ཚན་གྱིས་ དངུལ་རྩིས་དང་འབྲེལ་བའི་ བཅའ་ཁྲིམས་དང་སྒྲིག་གཞི་ཚུ་ ལག་ལེན་འཐབ་ནི་དང་། ལྟ་རྟོག་འབད་ནི་ དེ་ལས་ ལས་སྡེ་ནང་འབྲེལ་ཡོདའགོ་དཔོན་ཚུ་གིས་ ལས་སྣ་ཚུ་ལེགས་ཤོམ་སྦེ་འབད་ཚུགསཔ་བཟོ་ནི་ལུ་ འགན་ཁུར་ཁག་ཆེ་ཏོག་ཏོ་འབགཔ་ཨིན།