བཙག་འཐུ།

དམིགས་སྐྱེད།

  • ཚོགས་རྒྱན་སྐྱུར་མི་་མང་ཚད་ཀྱི་ཐོག་ རང་དབང་དང་་ཕྱོགས་རིས་མེད་པའི་ སྤྱི་ཚོགས་དང་ས་གནས་གཞུང་གི་བཙག་འཐུ་འགོ་འདྲེན་འཐབ་ནི།

  • མཐའ་ཟུར་གྱི་མི་སྡེ་ཚུ་ལུ་ གོ་བརྡ་ག་དེ་དྲག་དྲག་སྤེལ་ནི་དང་ འཇོན་ཐང་ཅན་གྱི་གྲོང་སྡེ་དང་ཚོགས་རྒྱན་སྐྱུར་མིའི་ཤེས་ཡོན་ཚུ་འགོ་འདྲེན་འཐབ་ནི།

  • བཙག་འཐུའི་བྱ་རིམ་ཚུ་ཆ་མཉམ་ལུ་ ཚངམ་སྦེ་སྤྲོད་ནི།

འཆར་སྣང་།

  • ལས་སྡེ་འདི་གིས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ཏེ་ ནུས་ཤུགས་ཅན་གྱི་དམངས་གཙོའི་རིང་ལུགས་ཡར་དྲག་གཏང་ནི།

བརྩི་མཐོང་།

སྲིད་དོན་ཚོགས་པའི་བཙག་འཐུའི་བྱ་རིམ་དང་ ་འདུས་ཚོགས་བརྩི་མཐོང་དང་ གཤམ་འཁོད་ཀྱི་ལས་སྡེའི་ཁས་བླང་ཐོག་ལས་ བཙག་འཐུའི་ལས་སྡེ་གིས་ འབྲེལ་ཡོད་ལས་སྡེའི་དགོས་མཁོ་དང་འཁྲིལ་ཕྱག་ཞུ་ནི། 

འགན་འཁྲི། གྲོས་ཆོད་དང་བྱ་ལེན་ཚུ་གིས་དོན་ལུ་ ཁ་གསལ་རྐྱབ་ནིའི་འགན་འཁྲི་ཧྲིལ་བུམ་ཕོག།

དྭངས་གསལ། དྭངས་གསལ་གྱི་ཐོག་ལས་ བཙག་འཐུའི་བྱ་རིམ་དང་ལས་སྣ་ཚུ་འགོ་འདྲེན་འཐབ་ནི།

དྲང་སྤྱོད༑ ལས་སྣ་ཚུ་དྲང་བདེན་ ཁྱད་རིག དང་དྲང་པོ་སྒོ་ལས་འབད་ནི།