བརྩི་མཐོང་།
ཁྱད་རིག་ལཱ་གོང་འཕེལགཏང་ནི་དང་ ཚོང་མགྲོན་པའི་ཞབས་ཏོག་སྤྱོད་མི་ཚུ་ལུ་ རྫོང་ཁག་གི་གཤམ་གསལ་བརྩི་མཐོང་ངོ་མ་ངོས་འཛིན་འབད་དེ་ཡོད།
དྲང་བདེན་དང་དྲང་སྤྱོད།
འགོ་དཔོན་གྱིས་ཞབས་ཏོག་ཕུལ་བའི་སྐབས་ མངོན་པར་མཐོ་བའི་དྲང་སྤྱོད་དང་ དྲང་བདེན་ཐོག་ལུ་ཕུལ་ནི།
ཚོང་མགྲོན་པའི་ཞབས་ཏོག།
རྫོང་ཁག་ཞི་བའི་ཐོ་བཀོད་དང་མི་རྩིས་ནས་ མི་དམངས་ལུ་ བློ་གཏད་དང་སྤུས་ཚད་ཅན་གྱི་ཞབས་ཏོག་ཕུལ་དགོཔ་མ་ཚད་ མི་སྡེའི་མཐུན་འབྲེལ་ཞབས་ཏོག་གོང་འཕེལ་གཏང་དགོ།
སྡེ་ལཱ།
རྫོང་ཁག་ཞི་བའི་ཐོ་བཀོད་དང་མི་རྩིས་ནས་ གཅིག་མཐུན་དང་ངོས་ལེན་གྱི་ཚིག་ལག་ལེན་ཐོག་ལུ་ མི་སྡེའི་ཞབས་ཏོག་ཕུལ་དགོ།