ཁྱབ་བསྒྲགས

ཕྱི་སེལ་གདམ་འཐུའི་གསལ་བསྒྲགས།

ཕྱི་སེལ་གདམ་འཐུའི་ཡི་གུ་ནང་མིང་ཡོད་མི་ཚུ་ དྲི་བ་དྲིས་ལན་གི་དོན་ལུ་གཤམ་གསལ་བཀོད་ཡོད་མི་ཡི་གུའི་ སྤྱི་ཚེས་དང་དུས་ཚད་ནང་འབྱོན་གནང་ཟེར་ཞུ་བ་འབདཝ་ཨིན།

ས་སྟོང་གསལ་བསྒྲགས།

ཆུ་ཁ་རྗོང་ཁག་ལུ་ ལཱ་གཡོག་ས་སྟོང་ཡོདཔ་ལས་ འོས་འབབ་དང་  དང་འདོད་ཡོད་བ་ཅིན་ ཞུ་ཚིག་ཚུ་མི་སྟོབས་ཡིག་ཚང་ནང་ བཙུགས་ནང། འདི་གི་སྐོར་ལས་ཁ་གསལ་འབད་ ཤེས་དགོ་བ་ཅིན་  གཤམ་ལུ་ཡོད་མི་ཡི་གུ་འདི་ལྷག་གནང་ཟེར་ཞུ་བ་འབདཝ་ཨིན།

དྲི་བ་དྲིས་ལན་གྲུབ་འབྲས།

གདམ་འཐུ་གྲུབ་འབྲས་ཀྱི་ ཐོ་བཀོད་ལུ་ཡོད་མི་ཚུ་ སྤྱི་ཚེས་ ༡༣/༠༣/༢༠༡༩་ ལུ་གཡོག་གི་ས་གོ་དང་སྨྱོ་རྫས་བརྟག་དཔྱད་འབད་ནིའི་དོན་ལུ་ རྫོང་ཁག་ལུ་འབྱོནམ་ད་ལུ་ ངོ་པར་གཉིས་དང་ཁྲིམས་ལྡན་འགྲེམས་རྟགས་ གནང་ཟེར་ཞུ་བ་འབདཝ་ཨིན།

ཁྱབ་བསྒྲགས།

རྫོང་ཁག་ནང་ལཱ་གཡོག་ག་ཅིག་གི་དོན་ལུ་འབྱོན་རུང་ ག་ར་རང་ལུགས་དཔལ་ལྡན་འབྲུག་པའི་སྒྲིགས་ལམ་རྣམ་གཞག་ ནང་འབྱོན་གནངས་ཟེར་ཞུ་བ་འབདཝ་ཨིན།