དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་འདི་རྒྱལ་འཛིན་གཙུག་ལག་སློབ་སྡེ་འོག་ལུ་ ཚོང་འབྲེལ་དང་འཛིན་སྐྱོང་གི་ཤེས་ཡོན་ཚུ་ལྷབ་སྦྱང་འབད་སའི་ གཞུང་གི་རང་སྐྱོང་མཐོ་རིམ་སློབ་གྲྭ་ཅིག་ཨིན། མཐོ་རིམ་སློབ་གྲྭ་འདི་ དགེ་འདུ་ཁྲོམ་ཁར་ཡོདཔ་ཨིན།
སྤྱི་ལོ་༢༠༡༢ ལས་མཐོ་རིམ་སློབ་གྲྭ་འདི་གིས་ ཚོང་རིག་ཤེས་ཡོན་གྱི་ མཐོ་རིམ་གོང་མའི་སློབ་སྦྱོང་ཡང་བྱིན་ནི་འགོ་བཙུགས་ཏེ་ཡོདཔ་ཨིན། མཐོ་རིམ་སློབ་གྲྭ་འདི་ འབྲུག་ངོས་འཛིན་ཚོགས་སྡེ་གིས་ སྤྱི་ལོ་༢༠༡༧ ལུ་ དབྱེ་རིམ་ཀ་པ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན།
མཐོ་རིམ་གཙོ་འཛིན། མཁས་དབང་བསོད་ནམ་ཆོས་སྒྲོན།
ཡོངས་འབྲེལ་འཆར་སྒོ།:་དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ