འགྲོ་འགྲུལ་བཀག་དམ་གྱི་སྐབས་ལུ་ ཆུ་ཁ་རྫོང་ཁག་གི་མངའ་འོག་ལུ་ཡོད་པའི་མི་སེར་ཡོངས་ཀྱི་ཁ་ཐུག་ལས་ ནད་ཡམས་འདི་ལུ་གདོང་ལེན་འབད་ནི་ནང་ དད་དམ་གཙང་མའི་སྒོ་ལས་རྒྱབ་སྐྱོར་གང་དྲག་འབད་ཡོད་མི་ལུ་ ངལ་རང་དང་ཡིད་ཆེ་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་སེམས་ཤུགས་དང་སྙིང་སྟོབས་འཕྲོ་མཐུད་དེ་རང་འབད་འོང་མནོ་བའི་རེ་བ་དང་བཅས་ འབྲེལ་ཡོད་ཡོངས་ལུ་ འགྲོ་འགྲུལ་བཀག་དམ་ཐེངས་གཉིས་པ་འདི་ སྤྱི་ཚེས་ ༠༦/༠༡/༢༠༢༡ ལས་ལྷོད་གཏང་ནིའི་བྱ་རིམ་འགོ་བཙུགས་ནི་ཨིན་པའི་གསལ་བསྒྲགས་འབདཝ་ཨིན།
ང་བཅས་ཀྱི་ཁ་ཐུག་ལས་ ཁྱེད་ལུ་ཕྱག་ཕྱིད་ཞུ་ནི་ལུ་བརྩོན་ཤུགས་གང་དྲག་བསྐྱེད་དེ་ཡོདཔ་མ་ཚད་ འདྲི་དཔྱད་དང་དོགས་གཅོད་ག་ཅི་ར་ཡོད་རུང་ སྔར་བཞིན་ངོས་ལེན་འབད་འོང་།