01 སྤྱི་ཟླ་༧ པ། 2018
༉ དྲགོས་རྫོང་བདག་མཆོག་གིས་ སྤྱི་ཚེས་༠༡/༠༧/༢༠༡༨ ལུ་ བཅའ་གཞི་དཔའ་དཔའ་གླིང་གི་ སོ་ནམ་ཞིང་ལམ་ རིང་ཚད་ ཀི་ལོ་མི་ཀྲར་ ༡༣.༣ འབད་མི་འདི་ སྒོ་འབྱེད་རྟེན་འབྲེལ་གནང་ཡོདཔ་ཨིན། སྒོ་འབྱེད་རྟེན་འབྲེལ་གྱི་ལས་རིམ་ནང་ལུ་ ཕུན་ཚོགས་གླིང་འདེམས་ཁོངས་གི་ ཆེད་བསྟོད་ཅན་གྱི་འཐུས་མི་ དྲགོས་རིན་འཛིན་རྡོེ་དང་ རྫོང་ཁག་གི་སྡེ་ཚན་ཁག་གི་འགོ་དཔོན་ དེ་བཟུམ་སྦེ་ གདུང་ན་དང་ སྨད་བཏབ་རྒེད་འོག་གི་ ས་གནས་གཞུང་གི་འཐུས་མི་ཚུ་གིས་ཡང་ བཅའ་མ་གཏོགས་ཏེ་ཡོདཔ་ཨིན།
སོ་ནམ་ཞིང་ལམ་འདི་གིས་ བཅའ་གཞི་དཔའ་དཔའ་གླིང་གཡུས་ཚན་དང་ སྤ་རོ་རྫོང་ཁག་གི་ རྒྱ་བར་ན་དང་སྦེ་སྟེ་ཁ་གཡུས་ཚན་གྱི་མི་སེར་ དགུང་པ་༢༥ དེམ་ཅིག་ལུ་ཕན་ཐོག་སྦོམ་སྦེ་རང་འབྱུང་ནི་ཨིན་མས