༉ ཆུ་ཁ་རྫོང་ཁག་བདག་སྐྱོང་དང་དགེ་འདུ་ཚོང་རིགས་མཐོ་རིམ་སློབ་གྲྭའི་བར་ན་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་བའི་ ཆིངས་ཡིག་མཚན་རྟགས་གནང་ཡོདཔ།

10 སྤྱི་ཟླ་༡༢ པ། 2018

༉ ཕུན་ཚོགས་གླིང་དང་ཐིམ་ཕུག་གི་གཞུང་ལམ་བརྡའ་འདི་ ཕྱགས་སྙིགས་འཛིན་སྐྱོང་དང་འབྲེལ་བའི་དཀའ་ངལ་ཚུ་བསལ་ནིའི་དོན་ལུ་ སྤྱི་ཚེས་༡༤/༡༠/༢༠༡༨ ལུ་ ཆུ་ཁ་རྫོང་ཁག་བདག་སྐྱོང་དང་ དགེ་འདུ་ཚོང་རིགས་མཐོ་རིམ་སློབ་གྲྭའི་བར་ན་ ཆིངས་ཡིག་གུར་མཚན་རྟགས་བཀོད་གནང་ཡི། དེ་ཡང་ གཞུང་ལམ་བརྡའ་འདི་ཕྱགས་སྙིགས་འབྲེལ་བའི་དཀའ་ངལ་ཚུ་བསལ་ནིའི་དོན་ལུ་ ད་ལས་ཕར་ དགེ་འདུ་མཐོ་རིམ་སློབ་གྲྭ་གིས་ ས་ཁོངས་དགེ་འདུ་ཆུ་ལས་འགོ་བཟུང་ཏེ་ འཇུམ་བྱག་ཚུད་ཚོད་ གཞུང་ལམ་ཀི་ལོ་མི་ཀྲར་ ༡༠ མཐོ་རིམ་སློབ་གྲྭའི་ཁ་ཐུག་ལས་ ཕྱགས་སྙིགས་དང་འབྲེལ་བའི་དཀའ་ངལ་ཚུ་བསལ་ནིའི་དོན་ལུ་ བདག་འཛིན་འབད་ནི་སྦེ་ ཆ་འཇོག་གྲུབ་ཡོདཔ་ཨིན། དེ་ལུ་རྫོང་ཁག་གི་ཁ་ཐུག་ལས་ དེ་བཟུམ་གྱི་ མཁས་བླངས་གི་ཐོག་ལས རྒྱབ་སྐྱོར་དང་གྲོགས་རམ་གནང་མི་ལུ་བཀྲིན་ལེགས་སོ་ཞུ་གནང་ཡི།