White Button Mushroom ༼ཤ་མུ་དཀརཔོ།༽

03 སྤྱི་ཟླ་༧ པ། 2018

༉ ཆུ་ཁ་རྫོང་ཁག་ སོ་ནམ་སྡེ་ཚན་གྱིས་ ཤ་མུ་དཀརཔོ་ White Button Mushroom བཙུགས་སྐྱོང་གི་ལས་རིམ་འདི་ ད་རེས་འབདཝ་ད་མཐར་འཁྱོལ་ཅན་ཅིག་སྦེ་འབྱུང་སྟེ་ཡོདཔ་ཨིན། དེ་ཡང་ ཧེ་མ་ཤ་མུ་དཀརཔོ་གི་ལས་འགུལ་ཅིག་ ཆུ་ཁ་རྫོང་ཁག་དར་ལ་རྒེད་འོག་ན་ལུ་བཙུགས་སྐྱོང་འཐབ་པའི་སྐབས་ལུ་ གནམ་གཤིས་གི་ཚ་དྲོད་ལས་བརྟེན་ གྲུབ་འབྲས་ལེགས་ཤོམ་མ་འབྱུང་རུང་ ད་རེས་རྩི་མ་གཤམ་ལུ་བཙུགས་སྐྱོང་འཐབ་པའི་སྐབས་ལུ་ མཐར་འཁྱོལ་ཅན་ཅིག་སྦེ་འབྱུང་ཡོདཔ་ཨིན། ད་ལས་ཕར་ རྫོང་ཁག་སོ་ནམ་སྡེ་ཚན་གྱི་ ས་ཁོངས་སོ་སོ་ཁག་ལས་ཕར་ ཤ་མུ་དཀརཔོ་གིས་རིགས་ ཁྱབ་སྤེལ་བཏང་ཚུགས་པའི་དམིགས་བཏད་བསྐྱེད་དེ་ཡོདཔ་ཨིན།

ལས་རིམ་འདི་ མཐར་འཁྱོལ་ཅན་སྦེ་འབྱུང་མི་འདི་ དྲགོས་རྫོང་བདག་མཆོག་གིས་ སློབ་སྟོན་བཟང་པའི་ཐོག་ལུ་ རྫོང་ཁག་སོ་ནམ་སྡེ་ཚན་གྱི་ལཱ་རྩ་འགེངས་འབད་བའི་གྲུབ་འབྲས་དང་ དེ་བཟུམ་སྦེ་ རྒྱལ་ཡོངས་སོན་གྱི་ལྟེ་བ་གིས་ ལམ་སྟོན་དང་རྒྱབ་སྐྱོར་གནང་མ་ལས་བརྟེན་ཨིན།