ཆུ་ཁ་རྫོང་ཁག་གི་གནས་སྦྲེལ་ཟ་ཁང་ལག་ལེན་དང་བཞེས་སྒོ་སྐྱེལ་དྲང་འབད་ནིའི་གོང་ཚད་རིན་བསྡུར།

Notification Period:
Wed, 09 སྤྱི་ཟླ་༡༢ པ། 2020
To
Mon, 21 སྤྱི་ཟླ་༡༢ པ། 2020

ཆུ་ཁ་རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་གསལ་བསྒྲགས་འབད་མི་ནང་ ཟ་ཁང་དང་བཞེས་སྒོ་སྐྱེལ་དྲང་འབད་ནིའི་ཆོག་ཐམ་འཆང་མི་འབྲུག་མི་ཚུ་གིས་ རིན་བཀོད་ཐིའུ་ཅན་མ་ཚུ་ རྩིས་ལོ་ ༢༠༢༠-༢༠༢༡ དང་ ༢༠༢༡-༢༠༢༢ ཚུན་གྱི་རིང་ རྫོང་གི་གནས་སྦྲེལ་ཟ་ཁང་ལག་ལེན་དང་རྫོང་ཁག་བདག་སྐྱོང་གི་དོན་ལས་བཞེས་སྒོ་སྐྱེལ་དྲང་འབད་ནིའི་རིན་བསྡུར་ནང་བཅའ་མར་གཏོགས་ནང་ཟེར་ཞུ་ནི་ཨིན།

འོག་ལུ་ཟུར་སྦྲགས་འབད་དེ་ཡོད་མི་ཁག་ཆེ་བའི་ཡིག་ཆ་ཚུ་ཕབ་ལེན་འབད་དགོཔ་དང་ རིན་བཀོད་བཙུགས་ནི་གི་ཚེས་གྲངས་མཇུག་འདི་ཡང་ སྤྱི་ཚེས་༢༡/༡༢/༢༠ གི་དྲོ་པ་ཆུ་ཚོད་ ༡༠;༣༠ ཚུན་ཨིནམ་དང་ རིན་བཀོད་ཚུ་ཡང་དེ་ཚེ་ཉིན་མ་ཆུ་ཚོད་ ༡༡;༠༠ ལུ་ རྫོང་ཁག་གི་ཞལ་འཛོམས་ཁང་ནང་ལུ་འབད་ཁ་ཕྱི་ནི་ཨིན།

ཁ་གསལ་གྱི་དོན་ལས་ མཁོ་སྒྲུབ་འགོ་དཔོན་དང་ཅིག་ཁར་ ཡིག་ཚང་གི་དུས་ཚོད་ཁར་ འགྲུལ་འཕྲིན་ཨང་ ༧༧༡༠༥༢༡༩ ནང་འབྲེལ་བ་མཛད་གནང་།

 

 

Attachment Size
Tender documents for canteen.pdf 877.28 KB