༉ སྤྱི་ཚེས་༡༡/༠༩/༢༠༡༨ ལུ་ ཆུ་ཁ་རྫོང་ཁག་ དངོས་གྲུབ་རྩེ་རྫོང་ན་ལུ་སྦེ་ འཆར་གཞི་༡༢ པའི་ལས་སྣའི་གྲལ་ལས་ བལྟ་བཤལ་དང་འབྲེལ་བའི་གཙོ་རིམ་ཅན་གྱི་ལས་རིམ་གྱི་སྐོར་ལས་ གྲོས་སྟུན་ཞལ་འཛོམས་ཅིག་ཚོགས་གནང་ཡི། ལས་རིམ་འདིའི་སྐབས་ལུ་ ཆུ་ཁ་རྫོང་ཁག་གི་ དྲགོས་རྫོང་བདག་མཆོག་གི་དབུ་གཙོས་པའི་ རྫོང་ཁག་གི་སྡེ་ཚན་ཁག་གི་འགོ་དཔོན་ཚུ་གིས་བཅའ་མ་གཏོགས་འདི་ཡོདཔ་མ་ཚད་ རྒེད་འོག་ཁག་ལས་ རྒེད་འོག་གི་རྒཔོ་དང་ རྒེད་འོག་གི་བདག་སྐྱོང་འགོ་དཔོན་ཚུ་གིས་ཡང་བཅའ་མ་གཏོགས་གནང་ཡི། ལས་རིམ་འདི་ འབྲུག་བལྟ་བཤལ་ཚོགས་སྡེ་ལས་ བལྟ་བཤལ་གཙོ་འཛིན་འོག་དཔོན་གྱི་གཙོས་པའི་སྡེ་ཚན་ཅིག་གིས་ ཉིནམོ་གཅིག་གི་ལས་རིམ་འདི་མཐར་འཁྱོལ་ཅན་ཅིག་སྦེ་འགོ་འདྲེན་འཐབ་གནང་ཡི། གསུང་གྲོས་རྒྱས་ཞིང་རྒྱསཔ་སྦེ་གནང་པའི་ཤུལ་ལུ་ ཆུ་ཁ་རྫོང་ཁག་ལས་ བལྟ་བཤལ་དང་འབྲེལ་བའི་ལས་རིམ་ཁག་བཞི་གལ་གནད་ཅན་དང་གཙོ་རིམ་ཅན་ཨིནམ་སྦེ་ངོས་འཛིན་འབྱུང་པའི་ཤུལ་ལུ་ ལས་རིམ་ཁག་བཞིཔ་འདི་ འཆར་གཞི་༡༢ པའི་བལྟ་བཤལ་དང་འབྲེལ་བའི་གཙོ་རིམ་ཅན་གྱི་ལས་རིམ་གྱི་གྲངས་སུ་བཙུགས་གནང་ནི་སྦེ་གྲོས་ཆོད་འབྱུང་ཡི།
12 སྤྱི་ཟླ་༩ པ། 2018