18 སྤྱི་ཟླ་༧ པ། 2018
༉ དམ་ཆུ་ལས་ཆུ་ཁ་ཚུན་ཚོད་ཀྱི་གཞུང་ལམ་ཕྲང་ལམ་འདི་ རྒྱ་གར་གཞུང་གི་ལས་འགུལ་ཐོག་ལུ་ གནམ་ལོ་༢༠༡༠ ལུ་ལཱ་འགོ་བཙུགས་ཡོདཔ་དང་ ད་རེས་ སྤྱི་ཚེས་ ༡༨/༠༧/༢༠༡༨ ལུ་ མི་རྗེ་བློན་ཆེན་དྲགོས་ཚེ་རིང་སྟོབས་རྒྱས་མཆོག་གི་འགོ་འབྱེད་རྟེན་འབྲེལ་མཛད་གནང་ཡི།
ཕྲང་ལམ་འདི་སེལ་བའི་ཤུལ་ལུ་ ལམ་འདི་ ཧེ་མ་དང་ཕྱད་པ་ཅིན་ཀི་ལོ་མི་ཀྲར་༡༩ གིས་མར་ཕབ་འགྱོ་དོ་ཡོདཔ་ལས་ ལམ་འགྲུལ་པ་ཚུ་ལུ་ཁེ་ཕན་སྦོམ་རང་འབྱུང་ནི་ཨིན་མས།
ད་རེས་ཀྱི་གཞུང་ལམ་ནང་ལས་ འགྲོ་འགྲུལ་འབད་བའི་སྐབས་ལུ་ ཕུན་ཚོགས་གླིང་ལས་ཐིམ་ཕུག་ལུ་ དུས་ཡུན་ཆུ་ཚོད་༠༥ ནང་ལུ་ལྷོད་ཚུགས་ནི་ཨིན་མས།