ང་བཅས་རའི་འགན་ཁུར།

17 August 2019

ང་བཅས་ར་ ཆུ་ཁ་རྫོང་ཁག་དང་ ཕུན་ཚོགས་གླིང་ལུང་ཕྱོགས་ཚོང་དང་བཟོ་གྲྭའི་ཡིག་ཚང་གཉིས་ མཉམ་འབྲེལ་ཐོག་ལས་ སྤྱི་ཚེས་༡༧/༠༨/༢༠༡༩ ལུ་ ས་གནས་ རྩི་མ་གཤམ་ལུ་སྦེ་ རང་སོའི་འགན་ཁུར་ཟེར་བའི་བརྗོད་དོན་ཐོག་ལུ་ ལས་རིམ་ཅིག་འགོ་འདྲེན་འཐབ་ཏེ་ཡོདཔ་ཨིན། དེ་ཡང་ ང་བཅས་རའི་རྒྱལ་ཁབ་ན་ལུ་ མེ་རླུང་གཱེས་མ་ལང་པའི་དཀའ་ངལ་བསལ་ཐབས་ལུ་དམིགས་ མི་ཚུ་གིས་ ཕབ་ཆག་མེད་པའི་མེ་རླུང་གཱེས་འདི་ལག་ལེན་འཐབ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་དང་ ཕབ་ཆག་ཡོད་པའི་མེ་རླུང་གཱེས་ཚུ་ མཐའ་ཟུར་གྱི་གཡུས་སྒོ་དང་ མི་སེར་མཉམ་ཆུང་ཚུ་ལུ་བཀྲམ་སྤེལ་འབད་ནིའི་ དམིགས་ཡུལ་བསྐྱེད་དེ་ཨིན། ལས་རིམ་གྱི་སྐབས་ལུ་ སྐུ་མགྲོན་གཙོ་བོ་སྦེ་ ཆུ་ཁ་དངོས་གྲུབ་རྩེ་གྲྭ་ཚང་གི་ བླམ་གནས་བརྟེན་མཆོག་བྱོན་གནང་བ་གིས་མ་ཚད་ གཞན་ཡང་ ལས་ཁུངས་དང་ལུང་ཕྱོགས་ཁག་གི་འགོ་དཔོན་ དེ་བཟུམ་སྦེ་ སློབ་གྲྭའི་དབུ་འཛིན་དང་ སློབ་དཔོན་ རྩི་མ་གཤམ་གྱི་ ཚོང་པ་ཚུ་གིས་བཅའ་མ་གཏོགས་གནང་ཡི། འདིའི་སྐབས་ལུ་ མེ་རླུང་གཱེས་གྲངས་༥༣ དེམ་ཅིག་བཅའ་མ་གཏོགས་མི་ཚུ་གིས་ རྗེས་སོར་དང་ གསརཔ་སྦེ་ཉོ་འབད་ཡོདཔ་ཨིན།

ལས་རིམ་འདི་མཐར་འཁྱོལ་ཅན་ཅིག་སྦེ་འགོ་འདྲེན་འཐབ་འདི་ཡོདཔ་ཨིན།